གླང་དར་མ། (འུ་དུམ་བཙན་པོ་ཡང་།)
༥༥༽ དེ་ནས་སྡིག་བློན་འཁོར་གྱིས་ལྷ་ཁང་མང་པོ་གཏོར་ཅིང་ཆོས་དཔེ་མང་པོ་མེར་བསྲེགས་ཤིང་ཆུ་ལ་གཡུགས། གྲྭ་པ་མང་པོ་སྐྱ་སར་ཕབ་ཅིང་དམག་ལ་བཅུག
༥༦༽ དམག་ལ་མ་ཞུགས་པ་དག་གི་ལག་པར་མདའ་གཞུ་བཞག་ནས་རྔོན་རྒྱག་ཏུ་བཅུག་ནས་དམག་ལ་འཚོ་བ་སྦྱོར་དུ་བཅུག རྔོན་མ་བྱས་ན་བསད། དེ་ལྟར་ལོ་གསུམ་ཙམ་རིང་ལ་ཆོས་ཡོངས་སུ་བསྣུབས།
༥༧༽ སྐབས་དེར་ལྷ་ལུང་དཔལ་གྱི་རྡོ་རྗེ་རི་བོ་ཞིག་ན་སྒོམ་དུ་བཞུགས་པའི་ཐོ་རངས་ཀྱི་ཉམས་སྣང་ལ། དཔལ་ལྷ་མོས། མ་འོངས་བསྟན་འགྲོའི་ཆེད་དུ་བསྟན་དགྲ་འདུལ་བའི་དུས་ལ་བབ་ཅེས་པའི་ལུང་བསྟན་བྱུང༌།
༥༨༽ འདི་ནི་ཅི་ཞིག་གི་མཚན་ལྟས་ཡིན་ནམ་སྙམ་ནས་ནམ་ལངས་པ་ན་བྲག་ཕུག་གི་ཕྱིར་བུད་དེ་བལྟས་སྐབས། མགོ་རིལ་སྐྱ་མི་འགས་མདའ་གཞུ་བཟུང་ནས་རྔོན་བྱེད་པ་མཐོང་ནས། ཧ་ལས་ཏེ་སྐད་ཆ་དྲིས།
༥༩༽ ཁོ་ཚོས། ང་ཚོའི་བཙན་པོའི་ཐུགས་ལ་གདོན་ཞུགས་སོང་ཞེས་ཆོས་ཁྲིམས་བཤིག་ཚུལ་གྱི་གནས་ཚུལ་ཇི་བཞིན་ཞུས་པས། གྲུབ་ཐོབ་དཔལ་རྡོར་ཐུགས་སྐྱོ་ངལ་དྲག་པོས་གཟིར་ཏེ་རེ་ཞིག་ལ་བརྒྱལ་བར་གྱུར།